གླུ་མ་གཡང་ཕྱུག་མཚོས་ཟི་ལིང་དུ་མི་སྒེར་གླུ་གཞས་ཆེད་ཚོགས་སྤེལ་བ།


གླུ་མ་གཡང་ཕྱུག་མཚོས་ཟི་ལིང་དུ་མི་སྒེར་གླུ་གྲོགས་ཆེད་ཚོགས་སྤེལ་བ།
གླུ་མ་གཡང་ཕྱུག་མཚོས་ཟི་ལིང་དུ་མི་སྒེར་གླུ་གཞས་ཆེད་ཚོགས་སྤེལ་བ།
         ཉེ་ལམ།  གླུ་མ་གཡང་ཕྱུག་མཚོས་ཟི་ལིང་དུ་མི་སྒེར་གྱི་གླུ་གཞས་ཆེད་ཚོགས་ཤིག་བསྡུས་ཤིང་། 
སྐབས་ཅིག་ཉིད་དུ་མི་སྟོང་ལྷག་ཤོང་བའི་གནས་དེའི་ཐང་ཆེན་དུ་འགྲིམ་འགྲུལ་དང་མི་ཚོགས་ཀྱིས་ཁེངས་ཏེ་ཁོ་ཚོའི་རེ་སྒུག་ཁྲོད་གླུ་མ་གཡང་ཕྱུག་མཚོས་སྙན་འཇེབས་ཀྱི་གླུ་གཞས་དག་དྲུག་འགྱུར་གྱི་དབྱངས་ལ་དྲངས། 
         དགོང་ཚོགས་འདིར་གཡང་ཕྱུག་མཚོས“གྲོགས་པོ་ཚོ།  ང་སླེབས་ཡོད”ཅེས་སྐད་ཅོར་རྒྱག་ཞོར་གར་སྟེགས་སུ་བུད་དེ།  དེ་མུར་ཡུལ་དངོས་མང་ཚོགས་ཀྱི་དང་བ་རབ་ཏུ་འཕྲོག་སྟེ་ཚང་མ་སྤྲོ་དགའི་ཉམས་ཀྱིས་ཁེངས་པར་བྱས། 《སྒྲོལ་མ》ཞེས་པའི་གླུ་གཞས་གྲགས་མ་ཐག་འདིར་ཞུགས་ལྟད་མོ་བ་ཀུན་གྱིས་ཁོ་མོ་དང་ལྷན་དུ་བླངས་པ་དང་།  འདི་ནི་དབྱངས་རྟ་གང་ཡང་མེད་པར་གླུ་མ་གཡང་ཕྱུག་མཚོ་དང་ལྟད་མོ་བ་རྣམས་ཀྱི་སེམས་ཁོངས་ནས་བརྡོལ་བའི་ལྷད་མེད་ཀྱི་འགྱུར་ཁུག་ཉིད་དོ།།
         དེའི་འཕྲོར་ཁོ་མོས་ཆེད་བསྒྲིགས་ཐོག་མEPཁྲོད་ཀྱི《གནམ་གྱི་མཐའ་མཚམས》སོགས་བླངས་ཏེ་གཞས་དུངས་གྲོགས་པོ་རྣམས་ཀྱིས་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཕ་ཡུལ་དུ་འདི་ལྟ་བུའི་ཆེད་ཚོགས་ཤིག་བསྡུས་ཐུབ་པར་དངོས་གནས་དགའ་སྤྲོ་སྐྱེས་ཡོད་པ་བསྟན།  
         དེ་དང་ཆབས་ཅིག   ཡུལ་དངོས་མང་ཚོགས་ཀྱི་རེ་ཞུ་ལས་མོས་ཡང་བསྐྱར་གཞས་ཤིག་གིས་ལྟ་བ་བྱས་ཏེ་ཆེད་ཚོགས་མཇུག་སྒྲིལ་ནའང་།  ལྟད་མོ་བ་རྣམས་ད་དུང་རང་སར་ལོག་འདོད་མ་བྱུང་བས་འབྲེལ་ཡོད་ལས་སྒྲུབ་མི་སྣས་ཟླ་རྗེས་མར་གླུ་མ་གཡང་ཕྱུག་མཚོ་ད་དུང“གསེར་དངུལ་འགྲམ་གྱི་མཛའ་གཞས་དུས་ཆེན”ཞེས་པར་ཞུགས་འཆར་ཡོད་ཚུལ་བརྗོད་རྗེས་ད་གཟོད་གཞི་ནས་མཇུག་སྒྲིལ་ཐུབ་པ་བྱུང་། 

མཚོ་སྔོན་པོ་དྲ་བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།