༢༠༡༢ལོའི་བོད་ཡུལ་གྱི་གླུ་གཞས་མཐོ་རིམ་གླེང་སྟེགས་བསྡུས་པ།


གླུ་བ་བསམ་ཁོ་ཞོ་སྟོན་གྱི་སྐར་ཆེན་ཞེས་པའི་ན་གཞོན་གླུ་བའི་འགྲན་བསྡུར་གྱི་དཔྱད་འཇོག་ཨུ་ཡོན་དུ་གདན་དྲངས།
གླུ་བ་བསམ་ཁོ་ཞོ་སྟོན་གྱི་སྐར་ཆེན་ཞེས་པའི་ན་གཞོན་གླུ་བའི་
འགྲན་བསྡུར་གྱི་དཔྱད་འཇོག་ཨུ་ཡོན་དུ་གདན་དྲངས།
         ཉེ་ལམ།  ལྷ་སའི་ཞོ་སྟོན་དུས་ཆེན་རྩ་འཛུགས་ཨུ་ཡོན་གྱི་གདན་ཞུ་བྱས་པ་ལྟར། གླུ་བ་བསམ་ཁོས2012ལོའི་ཞོ་སྟོན་གྱི་སྐར་ཆེན་ཞེས་པའི་ན་གཞོན་གླུ་བའི་འགྲན་བསྡུར་གྱི་དཔྱད་འདེམ་པའི་འགན་ཁུར།  ཁོས་གླུ་བ་ཞིག་བྱེད་རྒྱུ་ནི་དཀའ་ཁག་ཆེ་བར་མ་ཟད་དཔྱད་འདེམ་བྱེད་རྒྱུ་ནི་དེ་བས་ཀྱང་དཀའ་ཁག་གི་ལས་ཤིག་རེད་ཅེས་བཤད། 

         ལྷ་སའི་ཞོ་སྟོན་ནི་བོད་ལྗོངས་སུ་ཆེས་གཟབ་རྒྱས་དང་གཞི་རྒྱ་ཆེ་ཞིང་འཁྲབ་སྟོན་སྣ་མང་ཕུན་སུམ་ཚོགས་པའི་དུས་ཆེན་ཞིག་ཡིན།  ད་ལོའི་ཞོི་སྟོན་ནི་ཟླ8པའི་ཚེས17ནས་ཚེས23བར་ཡིན། “བདེ་སྐྱིད་ལྷ་ས། རིག་གནས་ཞོ་སྟོན”ཞེས་པ་བརྗོད་དོན་དུ་བཟུང་ཐོག    སྐབས་དང་པོའི་དེང་རབས་བོད་ཀྱི་གླུ་གཞས་གླེང་རྟགས་ཤིག་ཀྱང་སྤེལ་རྒྱུ་ཡིན་པ་རེད། 
         སྐབས་སྔོན་མའི་ཆེད་ཞུ་སྐུ་མགྲོན་གླུ་བ་བསམ་ཁོའི་ཡིད་དུ་འོང་བའི་གླུ་གཞས་ཀྱིས་མི་རྣམས་ལ་བརྗེད་ཐབས་བྲལ་བའི་བག་ཆགས་ཟབ་མོ་བཞག་པའི་ཁར། སྐབས་བཞི་བའི་ཞོ་སྟོན་གྱི་སྐར་ཆེན་ཞེས་པའི་ན་གཞོན་གླུ་བའི་འགྲན་བསྡུར་དུ་གླུ་བ་བསམ་ཁོ་ཆེད་དུ་གདན་འདྲེན་ཞུས་ཏེ་རྟིང་རྩོད་འགྲན་བསྡུར་གྱི་དཔྱད་འཇོག་ཨུ་ཡོན་པའི་འགན་བཞེས་དགོས་བྱུང་།  
         རྒྱུས་ལོན་པ་ལྟར་ན།   ཐེངས་འདིར་གདན་ཞུ་བྱས་རྗེས། གླུ་བ་བསམ་ཁོས་དེ་མུར་ད་ལོའི་གླུ་ལེན་འགྲན་བསྡུར་གྱི་ཞིབ་ཕྲའི་གོ་རིམ་དང་།  དཔྱད་འཇོག་ཚད་གཞི།  དེ་མིན་འབྲེལ་ཡོད་གྲ་སྒྲིག་བྱ་བའི་སྐོར་ལ་རྒྱུས་ལོན་ཟབ་མོ་བྱས།  དེ་དང་ཆབས་ཅིག་ཁོ་བོ་ད་ལོའི་ཞོ་སྟོན་དུས་ཆེན་སྐབས་ཀྱི་ལེ་ཚན་མང་པོ་དང་དགོང་ཚོགས་ཀྱི་འཁྲབ་སྟོན། ཕབ་སྐྲུན་སོགས་ཀྱི་བྱ་བར་ཞུགས་རྒྱུ་ཡིན་པ་རེད། 
         སྐབས་བཞི་བའི་ཞོ་སྟོན་གྱི་སྐར་ཆེན་ཞེས་པའི་རྒྱལ་ཡོངས་གླུ་བའི་འགྲན་བསྡུར་ལ་རྒྱ་ཆེ་བའི་སྤྱི་ཚོགས་ལས་རིགས་སོ་སོའི་གཟིགས་རྟོགས་བྱེད་ཅིང་།  གླུ་བ་ལེགས་འདེམ་བྱས་པར་བརྒྱུད་དེ་ཕུལ་བྱུང་གླུ་བ་དག་ལྗོངས་ཡོངས་དང་རྒྱལ་ཁབ་ཡོངས་ཀྱི་གར་སྟེགས་སུ་མཚམས་སྦྱོར་བྱས་ཏེ་ལྷ་སའི་རིག་གནས་འཕེལ་རྒྱས་ཕུན་ཚོགས་སུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན།
མཚོ་སྔོན་པོ་དྲྭ་བ།

1 comment:

  1. བཀྲ་ཤིས་བདེ་ལེགས་ཞུ།

    ReplyDelete

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།