དཔལ་ཡུལ་བཀྲ་ཤིས་ཀྱི་གླུ་གཞས་ཆེད་བསྒྲིགས་ཐོག་མ《ཕྱག་འཚལ་བ》ཞེས་པ་ཟླ7པར་སྤེལ་རྒྱུ་ཡིན་པ།

 བོད་ཀྱི་ན་གཞོན་གླུ་བ་དཔལ་ཡུལ་བཀྲ་ཤིས་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་གི་ཡིན་ཞིང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་སློབ་མཐར་ཕྱིན།

        2011ལོར《ཕ་མའི་དྲིན་ལན》དང《གངས་ལྗོངས། ང་ཡི་ཕ་ཡུལ》ཞེས་པའི་རྐྱང་གཞས་གཉིས་སྤེལ་ཏེ་རྒྱ་ཆེའི་ཉན་མཁན་ལྷན་རྒྱས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཅིང་། དེར་མཐུད་དེ་ལོ་གཅིག་ལྷག་གི་གྲ་སྒྲིག་བརྒྱུད་ཁོའི་ཕ་སྐད་གླུ་གཞས་ཆེད་བསྒྲིགས་ཐོག་མ《ཕྱག་འཚལ་བ》ཞེས་པ་ལེགས་འགྲུབ་བྱུང་སྟེ་ད་ལོའི་ཟླ7པར་དངོས་སུ་འགྲེམ་སྤེལ་བྱ་རྒྱུ་ཡིན་པ་རེད།
མཚོ་སྔོན་པོ་དྲ་བ་ནས།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།