གཞས་ཚིག།



གླུ་ཚིག་ཅིག
[ དྷི་ལྷ་ལྡན། ] [ 2011-7-6 ]

བདག་སེམས་ཀྱི་རྩ་ཐང་།
 
 
རྩ་ལྗང་གི་ལོ་མ། མེ་ཏོག་གི་སྐྱེད་ཚལ།
མ་སྲུ་ཚོའི་གསེར་གྱི་མཛུབ་དཀྲིས་བསྒྲོན་སའི་རྩ་ཐང་།
གནས་འདི་ནི་ངའི་ཆུང་གྲོགས་ཀྱི་མིག་ཆུ་འཐོར་ས་ཡིན།
གནས་འདི་ནི་མ་ཡུམ་གྱི་བཞོ་དབྱངས་འགུགས་ས་ཡིན།
མཐོ་སྒང་གི་རྩ་ཐང་ཨ་མའི་མིག་ཟུང་བཞིན་དྭངས་ཤིང་གཙང་།
ཨ་་་་་་་་་་་་་་་དྭངས་ཤིང་གཙང་།
 
གཡག་རྒོད་ཀྱི་རྨིག་རྗེས། རྟ་མཆོག་གི་མཚེར་སྐད།
ཕ་ཁུ་ཚོའི་གཡུ་ཡི་རྣ་ལུང་འདོགས་སའི་རྩ་ཐང་།
གནས་འདི་ནི་ངའི་བྱིས་དུས་ཀྱི་རྐང་རྗེས་དཔར་ས་ཡིན།
གནས་འདི་ནི་ངའི་ཡབ་ཆེན་གྱི་ཕོ་རུས་ངོམ་ས་ཡིན།
མཐོ་སྒང་གི་རྩ་ཐང་ཡབ་མེས་ཚོའི་བློ་ཁོག་བཞིན་ཡངས་ཤིང་ཆེ།
ཨ་་་་་་་་་་་་་ཡངས་ཤིང་ཆེ།

ལྷ་སའི་གཏིང་ཀོང་ཆུ་མིག ༼གཞས་ཚིག༽

                         
གཞས་ཚིག་རྩོམ་མཁན། སྨན་བླ་སྐྱབས། 
 
བཅུས་ནས་འཛད་རྒྱུ་མེད་པ།། མ་བཅུས་འཕྱུར་རྒྱུ་མེད་པ།། ལྷ་སའི་ཆུ་མིག་གཏིང་ཀོང་།།  སྒོ་རའི་ནང་ལ་ཡོད་རེད།།
བར་སྐོར་ཁྲོམ་གཟིགས་སྒང་གི ། སྒོ་རའི་ནང་ལ་ཡོད་རེད།། བྱུང་ན་ལན་གསུམ་མཆོད་རོགས།།  མ་བྱུང་རྒྱང་ནས་མཇལ་རོགས།།
བསོད་ནམས་ལས་ཀྱི་བདུད་རྩི་གཏིང་ཀོང་ལགས།
 
དབུས་ཀྱི་དབུས་ལ་འཁྱིལ་བ།། རྡོ་གཞོང་ནང་ལ་འཁྱིལ་བ།།
ལྷ་སའི་ཆུ་མིག་གཏིང་ཀོང་།། སྒོ་རའི་ནང་ལ་ཡོད་རེད།། བར་སྐོར་ཁྲོམ་གཟིགས་སྒང་གི ། སྒོ་རའི་ནང་ལ་ཡོད་རེད།། བྱུང་ན་ལན་གསུམ་མཆོད་རོགས།། མ་བྱུང་རྒྱང་ནས་མཇལ་རོགས།།
ལས་སྒྲིབ་སེལ་བའི་བདུད་རྩི་གཏིང་ཀོང་ལགས།
           ཕྱི་ལོ་ ༢༠༡༡ སྤྱི་ཟླ་ ༡༠ ཚེས་ ༢༠ ཉིན་གྱི་དགོང་དྲོར་ཙོང་ཁ་རུ་བྲིས་།
 
གཞས་ཚིག     གངས་ཅན་བོད་ཀྱི་བུ་ཆུང་།
གཞས་ཚིག་རྩོམ་མཁན་ སྨན་བླ་སྐྱབས་།
 
ང་ནི་གངས་ཅན་བོད་ཀྱི་བུ་ཆུང་ཞིག་ཡིན། བྲག་སྟོད་མཐོན་པོའི་ཐང་དཀར་རྒོད་པོ་ཞིག་ཡིན།
ང་ཡི་མིག་རྒྱང་མཐོ་ཡང་། ང་ཡི་ནམ་མཁའ་དོག་ཀྱང་།
གཤོག་རྩལ་བརྐྱངས་ནས་འཕུར་ས། གཤོག་རྩལ་ངོམ་ནས་ལོག་ས།
ཕ་གཞིས་གངས་ཀྱི་ར་བ་འདི་ལས་མེད།
ཨ། ་་་ ་་་
ངའི་དང་རུས་དཀར་པོ། མེས་པོའི་གསུང་སྐད་འབྱོན་པའི་གླིང་བུ་ཞིག་ཡིན།
 
ང་ནི་གངས་ཅན་བོད་ཀྱི་བུ་ཆུང་ཞིག་ཡིན། མི་རྒྱུད་ལྷ་ལས་མཆེད་པའི་བུ་རྒྱུད་ཅིག་ཡིན།
ང་ཡི་བློ་ཁ་མཐོ་ཡང་། ང་ཡི་ལམ་བུ་དོག་ཀྱང་།
རྨི་ལམ་ཁྱེར་ནས་འགྲོ་ས། ལུས་སེམས་ཁུར་ནས་ལོག་ས།
ཕ་གཞིས་གངས་ཀྱི་ར་བ་འདི་ལས་མེད། ཨ། ་་་ ་་་
ངའི་བརླ་རུས་དཀར་པོ། མེས་པོའི་གསུང་སྐད་འབྱོན་པའི་གླིང་བུ་ཞིག་ཡིན།། :།


 
ཕྱི་ལོ་ ༢༠༡༡ སྤྱི་ཟླ་ ༧   ཚེས་ ༢༡ ཉིན་བྲིས་།
 

གཞས་ཚིག ཆུང་འདྲིས།
 
                            གཞས་ཚིག་རྩོམ་མཁན། སྨན་བླ་སྐྱབས། 
 
ཆུང་འདྲིས། ཆུང་ཆུང་ཆུང་གི་ཆུང་འདྲིས།
ཆུང་འདྲིས་ཆུང་འདྲིས་ཟེར་ལེ།། ཆུང་ནས་འདྲིས་རྒྱུ་མ་བྱུང་།།
རྨི་ལམ་ནང་ལ་བྱུང་ནས།། ལོ་དང་ཟླ་བ་ཕྱིན་སོང་།།
ཆུང་འདྲིས་ཡ་བྱམས་པ།
རྨི་ལམ་ནང་གི་ཆུང་འདྲིས།། འགྲོ་ཞོར་ལམ་ནས་མཇལ་བྱུང་།།
ཚེ་སྔོན་ལས་འཕྲོ་ཡོད་ན།། བློ་ཕུགས་ཁྱོད་ལ་གཏད་ཆོག །
ཆུང་འདྲིས།
 
ཆུང་འདྲིས། ཆུང་ཆུང་ཆུང་གི་ཆུང་འདྲིས།
ཆུང་འདྲིས་ཆུང་འདྲིས་ཟེར་ལེ།། ཆུང་ནས་འདྲིས་རྒྱུ་མ་བྱུང་།།
ལོ་ཆུང་སེམས་ལ་འོང་བའི།། ཆུང་འདྲིས་ལམ་ནས་མཇལ་བྱུང་།།
ཆུང་འདྲིས་ཡ་བྱམས་པ།
མི་ཁ་ནག་པོས་དགྲ་ཡང་།། ཐུགས་སེམས་ཆུང་ཡང་མི་དགོས།།
ཆུང་འདྲིས་བློ་ཁྲེལ་ཡོད་ན།། ལས་ཀྱི་ཚེ་གྲོགས་ཁྱོད་ཡིན།།
ཆུང་འདྲིས།

 
              ཕྱི་ལོ་ ༢༠༡༡ སྤྱི་ཟླ་ ༡༡ ཚེས་ ༢༥ ཉིན་ལས་ཤག་ཏུ་བྲིས་།